这是一首赞美的歌歌词
གདངས། དཀའ་ཐུབ་རྒྱལ། ཚིག དཀའ་ཐུབ་རྒྱལ། ཁྱུང་བཟང། གཞས་པ། དཀའ་ཐུབ་རྒྱལ། རོལ་མོ། དཀའ་ཐུབ་རྒྱལ། བསྟོད་བསྟོད་བསྟོད་ལ་གནམ་སྔོན་པོ་བསྟོད། གནམ་སྔོན་པོ་མ་བསྟོད་མ་མཆོད་ན། གངས་རི་དཀར་པོ་འགྱིང་ས་མེད་ཟེར་གི བྱ་རྒོད་པོ་འཕུར་ས་ཆེ་ཡོད། ང་མགོ་ནག་བོད་ཀྱི་ལྷ་དང་ལྷ་མ་ཡིན། གཉན་དང་མི་མ་ཡིན་ལ་སོགས་པ་ཇི་ལྟར་འགྲོ། ཀི་ཀི་བསྭོ་བསྭོ། བསྟོད་བསྟོད་བསྟོད་ལ་ས་དོག་མོ་བསྟོད། ས་དོག་མོ་མ་བསྟོད་མ་མཆོད་ན། ཁྲི་ཤོར་རྒྱལ་མོ་ལྟེམས་ས་མེད་ཟེར་གི། ར་རྫི་ལུག་རྫི་ཉལ་ས་མེད། ཉལ་ས་ཆེ་ཡོད། མགོ་ནག་བོད་ཀྱི་ཡོད་པོ་ཕྱུག་པོ་འགྱིང་ས་མེད། མེད་པོ་ཉམ་ཐག་འདུར་ས་མེད། ཨ་རོག་ཚོ། མི་ཡི་རིན་ཐང་ཟེར་ན་སྒོར་མོ་རེད། ཀི་ཀི་བསྭོ་བསྭོ། མ་རེད་མ་རེད། བོད་གངས་རིས་ཕྱི་བསྐོར་ནང་བསྐོར། མི་རྒྱུད་གཙང་མ། དམ་ཆོས་གཙང་མ། དད་པ་གཙང་མ། དྲི་ཆུང་སིལ་སིལ། ཌ་རུ་ཁྲོག་ཁྲོག འགྲོ་དུས་གློ་ཁུག་སྟོང་བ་ཡིན་ནས། ཡོང་དུས་ཐོད་པ་སྣུམ་གྱིས་ཟིན་པའི་ ཨ་ཁུ་དཔོན་རྒན་རལ་བ་ཅན་ལ་བསྟོད་བསྟོད། མ་རེད་མ་རེད། བོད་གངས་རིས་ཕྱི་བསྐོར་ནང་བསྐོར། མི་རྒྱུད་གཙང་མ། དམ་ཆོས་གཙང་མ། དད་པ་གཙང་མ། སྐུ་ཤ་མེར་མེར། བཞུགས་ཁྲི་ཆེ་ཆེ། འགྲོ་དུས་ཚུལ་ཁྲིམས་དྲི་ངད་ལྡང་ནས། ཡོང་དུས་མཛེས་མའི་འཁོར་གྱིས་བསྐོར་བའི་ རྒྱ་བླ་ཚོན་པོ་རྒྱ་ལྭ་ཅན་ལ་བསྟོད་བསྟོད། མ་རེད་མ་རེད། གྲུབ་མཐའ་ཕན་ཚུན་བར་ན་ཆགས་སྡང་ཞིག མ་རེད་མ་རེད། བོད་པའི་དད་པའི་བར་ན་གླེན་ཞད་ཅིག མ་རེད་མ་རེད། ཕ་སྐད་གཙང་མའི་བར་ན་འདྲེ་སྐད་ཅིག མ་རེད་མ་རེད། འདི་བསྟོད་གླུ་ཡིན་ཡ་མགོ་སྟོང་ཚོ། ལྟོས་་་་་་་་་ གངས་རི་མི་ཤེས་པའི་གངས་ཅན་པ། ལྟོས་་་་་་་་་ མི་རིགས་གཅིག་ཀྱང་མི་དྲི་མི་དྲོ་བ། ལྟོས་་་་་་་་་་ བྱམས་དང་སྙིང་རྗེ་འབོར་བའི་གངས་ཅན་པ། ལྟོས་་་་་་་་་་་ ངོ་སོ་སྟོབས་ཀྱིས་བསྟོད། སྟོབས་ཀྱིས་བསྟོད། བསྟོད་བསྟོད་བསྟོད་ལ་གནམ་སྔོན་པོ་བསྟོད། གནམ་སྔོན་པོ་མ་བསྟོད་མ་མཆོད་ན། གངས་རི་དཀར་པོ་འགྱིང་ས་མེད་ཟེར་གི བྱ་རྒོད་པོ་འཕུར་ས་ཆེ་ཡོད། ང་མགོ་ནག་བོད་ཀྱི་ལྷ་དང་ལྷ་མ་ཡིན། གཉན་དང་མི་མ་ཡིན་ལ་སོགས་པ་ཇི་ལྟར་འགྲོ། ཀི་ཀི་བསྭོ་བསྭོ། བསྟོད་བསྟོད་བསྟོད་ལ་ས་དོག་མོ་བསྟོད། ས་དོག་མོ་མ་བསྟོད་མ་མཆོད་ན། ཁྲི་ཤོར་རྒྱལ་མོ་ལྟེམས་ས་མེད་ཟེར་གི། ར་རྫི་ལུག་རྫི་ཉལ་ས་མེད། ཉལ་ས་ཆེ་ཡོད། མགོ་ནག་བོད་ཀྱི་ཡོད་པོ་ཕྱུག་པོ་འགྱིང་ས་མེད། མེད་པོ་ཉམ་ཐག་འདུར་ས་མེད། ཨ་རོག་ཚོ། མི་ཡི་རིན་ཐང་ཟེར་ན་སྒོར་མོ་རེད། ཀི་ཀི་བསྭོ་བསྭོ། མ་རེད་མ་རེད། བོད་གངས་རིས་ཕྱི་བསྐོར་ནང་བསྐོར། མ་རེད་མ་རེད། བོད་གངས་རིས་ཕྱི་བསྐོར་ནང་བསྐོར། དྲིན་ཆེན་ཕ་མའི་། སེན་མགོ་ཁྲག སེན་རྟིང་རྣག ན་ཚོད་ཆུང་ཆུང། བློ་རིག་གྲུང་གྲུང། འགྲོ་དུས་རེ་བ་སྟོང་གིས་སོང་ཡང། ཡོང་དུས་རིགས་ཀྱི་བྲོ་བ་སྟོར་བའི་ བོད་ཕྲུག་ཕོ་མོ་མགོ་བདེ་དག་ལ་བསྟོད་བསྟོད། མ་རེད་མ་རེད། བོད་གངས་རིས་ཕྱི་བསྐོར་ནང་བསྐོར། ལུག་ཆུང་འབའ་འབའ། རྟ་ཕོ་འཚེར་འཚེར། ཆུ་མོ་ཤང་ཤང་། སྐྱེས་གཟུགས་ལྡེམ་ལྡེམ། གླུ་སྐད་ལྷང་ལྷང། འགྲོ་དུས་སྐད་དང་ངག་གིས་སོང་ཡང། ཡོང་དུས་ཁེ་དང་དབུགས་ཀྱིས་ལྷགས་པའི་ ན་གཞོན་གླུ་བའི་གཟུགས་བརྙན་རྣམས་ལ་བསྟོད་བསྟོད། མ་རེད་མ་རེད། གྲུབ་མཐའ་ཕན་ཚུན་བར་ན་ཆགས་སྡང་ཞིག མ་རེད་མ་རེད། བོད་པའི་དད་པའི་བར་ན་གླེན་ཞད་ཅིག མ་རེད་མ་རེད། ཕ་སྐད་གཙང་མའི་བར་ན་འདྲེ་སྐད་ཅིག མ་རེད་མ་རེད། འདི་བསྟོད་གླུ་ཡིན་ཡ་མགོ་སྟོང་ཚོ། ལྟོས་་་་་་་་་ གངས་རི་མི་ཤེས་པའི་གངས་ཅན་པ། ལྟོས་་་་་་་་་ མི་རིགས་གཅིག་ཀྱང་མི་དྲི་མི་དྲོ་བ། ལྟོས་་་་་་་་་་ བྱམས་དང་སྙིང་རྗེ་འབོར་བའི་གངས་ཅན་པ། ལྟོས་་་་་་་་་་་ ངོ་སོ་སྟོབས་ཀྱིས་བསྟོད། སྟོབས་ཀྱིས་བསྟོད། གླུ་ཚིག་སྒྲིག་མཁན།རེ་འབོད།
补充纠错
基本
文件
流程
错误
SQL
调试
请求信息 : 2026-10-17 07:38:04 HTTP/1.1 GET : http://lyric.hjiayou.com/lyric/578926.html 运行时间 : 0.084878s [ 吞吐率:11.78req/s ] 内存消耗:2,637.71kb 文件加载:193 查询信息 : 0 queries 缓存信息 : 0 reads,0 writes 会话信息 : SESSION_ID=303a73b2210d86ac7a64b901c58e821a
CONNECT:[ UseTime:0.000688s ] mysql:host=127.0.0.1;dbname=fan_hjiayou_com;charset=utf8mb4 SHOW FULL COLUMNS FROM `tool_lyric` [ RunTime:0.001189s ] SELECT `id`,`title`,`singer`,`content` FROM `tool_lyric` WHERE `switch` = 1 AND `id` = 578926 LIMIT 1 [ RunTime:0.001425s ] UPDATE `tool_lyric` SET `views` = `views` + 1 WHERE `id` = 578926 [ RunTime:0.001728s ] SELECT `id`,`title` FROM `tool_lyric` WHERE `id` IN (420757,594961,52011,388751,321600,120415,749995,460664,330256,156409,665041,744253,475918,595760,727185,62424,253151,815248,22701,840619,300468,590319,305012,728295,117320,713956,832080,155966,241667,243107) AND `switch` = 1 ORDER BY `views` DESC [ RunTime:0.022281s ] SELECT `id`,`title` FROM `tool_lyric` WHERE `id` < 578926 AND `switch` = 1 ORDER BY `id` DESC LIMIT 1 [ RunTime:0.003476s ] SELECT `id`,`title` FROM `tool_lyric` WHERE `id` > 578926 AND `switch` = 1 ORDER BY `id` LIMIT 1 [ RunTime:0.001898s ]
0.085795s