朋友歌词
作词 : 花旦泽毛 作曲 : 仁多尔 སེང་གཡུ་རལ་ཅན་གྱི་གྲོགས་པོ། སེམས་ལ་ཡང་ཡང་དྲན།། གཞུང་རྒྱུད་དྲང་པ་དྲན།། རང་ཚུགས་རྡོ་རྗེ་བྲག་རི་དྲན།། མི་གཞི་གསེར་གྱི་རི་བོ་དྲན།། གྲོགས་པོ། མི་ཕྱེད་སྙིང་གི་གྲོགས་པོ། དེ་རིང་རི་མཐོ་ས་གཙང་གི་ཡུལ་ནས།དེ་རིང་ནང་སྙིང་བྲུས་ཟིན་པའི་ཡུལ་ནས།དེ་རིང་ཁྱེད་ཀྱི་ཕོ་བྲང་གི་མདུན་ནས།དེ་རིང་ཁྱེད་ཀྱི་སྐྱེས་རི་ཡི་མདུན་ནས།ངའི་གངས་རི་ལྟ་བུའི ངའི་རྫ་རི་འདྲ་བའི་ཕ་མ་ལྟ་བུའི འུ་ཚང་གི་སྙིང འུ་ཚང་གི་མིག གྲང་ན་གྱོན་པ་རུ་སྙམ་བཞིན་པའི ལྟོགས་ན་རྩམ་པ་རུ་བསམ་བཞིན་པའི ནག་པོ་དགྲ་ཡང་ཐུགས་ཀྱིས་སྐྱོང་ཞིང་།ཆོལ་གསུམ་གྱི་ལྗོངས་ཁམས་སྙིམ་པས་སྐྱོར་བའི མི་ཕོ་གཡུ་རལ་ཅན ཕྲེང་བ་ཅན ངས་མཆོད་མེ་བསྒྲོན་བཞིན ངས་ལྷ་བསང་གཏོང་བཞིན ཁྱེད་ལ་སྐྱབས་འཇུག་ཞུས་ཡོད ཁྱེད་ལ་མིག་ཆུ་ཕུད་ཡོད ངས་ ངས ཁྱེད་ལ་མིག་ཆུ་ཕུད་ཡོད གྲོགས་པོ་བརྩེ་འཛུམ་ཅན་པོ།། གཡུ་རལ་གསིག་གསིག་གནང་དང་།། ཆོལ་གསུམ་དཔུང་རྡང་བརྟན་པོ།། གངས་རི་དཀར་པོའི་སྤུན་ཡིན། གངས་མཐོན་པོ་རྩེ་ནས།ཆུ་དྭངས་མོའི་མཐིལ་ནས།ཆུ་རྨ་ཆུའི་ཁུགས་སོ་བཅོ་བརྒྱད་ཀྱི་ཕ་ཁྱིམ་གོར་མོ།མཆོད་མེ་རྐོང་བུ་གང་གི།འོད་སྣང་གིས་བསྐྱངས་ཤིང་།སེམས་གཏིང་ལ་འཁྱིལ་དུས།གྲོགས་པོ་ལགས། ཨ་ཇོ་ལགས། ཁྱེད་ནི་འོད་སྣང་ཡིན།ཁྱེད་ནི་ཕ་ཁྱིམ་ཡིན། གཡོ་ཟོལ་དང་རྫུ་བག་གིས ཁྲག་གི་བརྫིས་པའི་འདྲེ་ལག་དེ་ལ་ཚོན་བརྩི་དཀར་པོ་ཞིག་བྱུགས་ནས། ང་ཚོར་འགྲམ་ལྕག་རེ་བཞུ་ཞོར། ཁྱོད་ལ་ང་ལས་གཅེས་མཁན་མེད་ཟེར་ནའང་། ངས་སྔར་བཞིན་སྐད་དམའ་མོས་ཁྱོད་ཀྱི་མཚན་ནས་འབོད་བཞིན་ཡོད། གྱོན་པ་ཡ་བརླ་གྱོན་པ།རིགས་ཞེན་མེད་པའི་རྟགས་མིན།། ཁ་ན་དགོད་གཏམ་མང་ཡང་།།མིག་གི་མཐའ་ན་ཆུ་ཡོད།། འདས་སོང་གི་སྐྱོ་གར།ད་ལྟ་ཡི་རྨ་ཁར་གྱུར་བའི་འོ་དོད་ཀྱི་བྲག་ཆ་རིང་མོ། རྟག་པར་རྣ་བར་ལ་ལྷུང་དུས། ཡིག་དྲུག་གི་བསྔོ་སྨོན་ཞིག་དང་མིག་ཆུ་ཡི་སྐྱེད་མ་ཞིག་ལས་ཅི་ཡང་མ་འཇོན་ཡང་།ངས་ཁྱེད་ཀྱི་མཚན་ནས་བཟུང་སྟེ།སྐུ་ཚེ་རྒྱལ་མཚན་བརྟན་དགོས་པའི་སྨོན་ལམ་ཉིན་རེར་རྒྱག་གི་ཡོད།གསོལ་བ་སྙིང་ནས་འདེབས་ཀྱིན་ཡོད། ཕྲན་ངར་མེས་པོས་གནང་བའི་སྒྲ་སྙན་ཞིག་ལས་ཅི་ཡང་མེད་ནའང་།རྒྱུད་སྐུད་ཕྲ་མོ་འདི་གྲོགས་དམ་པའི་ངོ་སོ་བསྟོད་སྤྱད་ཡིན།གྲོགས་དམ་པའི་མཛད་འཕྲིན་སྒྲོག་སྤྱད་ཡིན། ད་དུང་།གསལ་བྱེད་སུམ་ཅུའི་ཕྲེང་ཐག་གི་མདུད་པ་སྲུང་ནས། གངས་རི་ར་བའི་ཕ་ཡུལ་གྱི་ལས་སྐལ་བསམ་བཞིན།གྲོགས་པོ་ལགས།ལག་ཟུང་ཐལ་མོ་ཁྱེད་ལ་སྦྱོར་བཞིན།ངས་ ངས རང་གི་བརྟན་ཚུགས སྲུང་མའི་སྡོངས་གྲོགས ཡུལ་མིའི་ཆིག་སྒྲིལ ང་ཕམ་དགོས་དོན་་འདུག་གམ། ཁྱོད་གཡོ་དགོས་པ་ཡོད་དམ།མདུན་ལ་ལྟོས་དང་།བསམ་མནོ་ཐོངས་དང་།གྲོགས་པོའི་རྔུལ་ཆུའི་བཞེངས་པའི་ལམ་ཕྲན་གྱིསྣེ་མོ་ན་འོད་ཟེར་ཞིག་རང་ཕྱོགས་སུ་འཚེར་བཞིན་འདུག་ ལྗང་མདོག་ཅིག་རང་ཕྱོགས་ལ་དབང་ནས་འདུག སྤོབས་པ་སྐྱེད་དང་། ནུས་རྩལ་ངོམས་དང་། གོམ་སྟོབས་བསྒྱུར་དང་།རྫོགས་ལྡན་གྱི་ལོངས་སྤྱོད་ཅིག་རང་ཅག་ལ་དབང་ནས་འདུག
补充纠错
基本
文件
流程
错误
SQL
调试
请求信息 : 2026-10-17 01:38:15 HTTP/1.1 GET : http://lyric.hjiayou.com/lyric/484848.html 运行时间 : 0.108381s [ 吞吐率:9.23req/s ] 内存消耗:2,629.48kb 文件加载:193 查询信息 : 0 queries 缓存信息 : 0 reads,0 writes 会话信息 : SESSION_ID=d50e53d58e3b51dcb9ec472f4c701e32
CONNECT:[ UseTime:0.000552s ] mysql:host=127.0.0.1;dbname=fan_hjiayou_com;charset=utf8mb4 SHOW FULL COLUMNS FROM `tool_lyric` [ RunTime:0.001226s ] SELECT `id`,`title`,`singer`,`content` FROM `tool_lyric` WHERE `switch` = 1 AND `id` = 484848 LIMIT 1 [ RunTime:0.001216s ] UPDATE `tool_lyric` SET `views` = `views` + 1 WHERE `id` = 484848 [ RunTime:0.002988s ] SELECT `id`,`title` FROM `tool_lyric` WHERE `id` IN (192641,689024,708575,724470,234841,689588,34432,774993,225726,365650,851581,207834,117614,168041,263137,488279,235399,378335,413923,740441,346675,404856,819386,765688,128973,445439,631635,467165,564501,619953) AND `switch` = 1 ORDER BY `views` DESC [ RunTime:0.029377s ] SELECT `id`,`title` FROM `tool_lyric` WHERE `id` < 484848 AND `switch` = 1 ORDER BY `id` DESC LIMIT 1 [ RunTime:0.003854s ] SELECT `id`,`title` FROM `tool_lyric` WHERE `id` > 484848 AND `switch` = 1 ORDER BY `id` LIMIT 1 [ RunTime:0.002280s ]
0.109231s