年轻人歌词
作词 : 东 让斯 作曲 : 仁多尔 ཀྭ་ཡེ། ན་གཞོན་ལགས། ཚིག་ གདོང་རང་སད། དབྱངས་རིག་རྡོར། ལེན་མཁན་ རིག་རྡོར། ཕྱག་རྡོར། རིན་ཆེན་རྒྱལ། རིག་གསར་གྱི་སྐྱ་རྡུལ་སྔོན་ནས་དྭངས་སོང་བའི་ཚུན་ལ། ང་ཚོས་སྐྱིད་ཉི་མ་འདྲ་ཞིག་གནམ་ནས་ལྷུང་ཨེ་ཡོང་གི་རེ་བའི་མིག་ཟུང་ཅེར་ཏེ་ཧོན་ཐོར་དུ་ལུས་འདུག སྐྱ་རེངས་དང་ལྷན་དུ་ཅོང་བརྡ་ཐེངས་མང་དུ་བཏངས་ཡང་ང་ཚོ་ད་དུང་མལ་སའི་ནང་ན་འགུལ་ཙམ་གྱི་ གླད་རྒྱངས་བྱེད་ཀྱི་འདུག སང་ཉིན་ནས་སང་ཉིན་ལ་གཏད་པའི་སེམས་གསོ་བྱེད་སྟངས་ དེའི་ཁྱེད་ལ་རི་བོའི་ལྟོས་དང་མཉམ་པའི་བྱ་བའི་ཚོགས་ལ་ཨ་ཐང་སྐྱེས་སྤྱད་ཅིག ཕ་ཆེ་ཆེ་ཞིག་གི་ངོ་སོའི་ཕག་ནས་རང་ཉིད་ཀྱི་སྣང་བ་མེ་རུ་མ་སྦར། མ་བྱམས་ཅན་ཞིག་གི་དྲོད་ཀྱི་པང་ནས་རང་ཉིད་ཀྱི་ངོམ་སོ་ལ་རྒྱ་མ་རྩི། གྲོང་ཆེ་སའི་མི་ཚོགས་མང་ས་འགྲིམས་ཏེ་རང་གི་མིག་རྒྱང་དང་སེམས་རྒྱར་རྟོག་དང་། རིགས་མང་བའི་གཞུང་ཆེན་མང་དུ་ཀློགས་ཏེ་རང་གི་རིན་ཐང་དང་ནུས་པར་ཚད་མཇལ་བྱོས་དང་། ན་གཞོན་ལགས། མེ་ཏོག་ལྟ་བུའི་ལང་ཚོ། བྱ་རྒོད་ལྟ་བུའི་ལང་ཚོ། ལང་ཚོ། ན་གཞོན་གྱི་ལང་ཚོ། གསེར་གཡུ་ལྟ་བུའི་ལང་ཚོ། མདོར་ན་རིན་ཐང་གཞལ་མེད་ཀྱི་ལང་ཚོ། སྐྱི་གཡའ་བའི་སྐྱེ་བ་འདི་ལ་ཕུགས་བསམ་བོར་བའི་ཁེར་རྐྱང་གི་བྲང་གཞུང་ན་ན་ཟུག་ཚ་མོ་མེད་དམ། བཀའ་ཆེ་བའི་མྱ་ངམ་ཐང་ན་ཡིད་ཐང་ཆད་པའི་རོ་མིན་གྱི་མིག་ཆུའི་ཀློང་ན་ངུ་འདོད་སྙམ་པ་མེད་དམ། བྱིས་པ་པྲ་ཆལ་ཞིག་འཚོ་བར་གཡེང་ནས་ཉི་མ་འཁྱོལ་ཐབས་དེ་རང་མགོར་གཟི་བརྗིད་ཀྱི་ཅོད་པན་བཏགས་ནི་རེད། སྨོན་ལམ་བརྒྱ་སྟོང་གི་སྟོང་སྣང་རོལ་བའི་བདེ་བ་ཙམ་པོ་དེ་སྐད་ཅིག་སྐྱིད་ལ་བསྐུར་བའི་རང་ཟུངས་གཞིབ་ནི་རེད། རྒྱུ་འབྲས་ཀྱི་གོ་རིམ་ལྡོག་ཕྱོགས་མིན་ན་ཤི་གསོན་གྱི་རྣམ་པ་འཆོལ་དུ་འཇུག་མི་རུང་། འུད་ཤོབ་ཀྱི་འཁོར་ལོ་བསྐོར་ནས་ཤེལ་ཀྱི་དམ་བུ་ཤེད་ཀྱིས་བཅགས་པ་ཁྱོད་ཀྱི་སྤོབས་པ་དང་དཔའ་ངར་ཨེ་རེད། ཧ་ཧ། གསར་བུ་ཡ། རྐྱལ་སྟོང་། ཨ་མནའ་ཟ། པཱ་སྣེ་མེད་དུས་ཁྱེད་ཀྱི་དཔའ་ཡང་ཞུམ། ཧ་ཧ། གསར་མོ་ཡ་སྒེག་ལྡན་འཕྱོར་དགའ་རོགས་ཐོར་དུས་ཁྱོད་ཀྱི་ཡག་ཀྱང་ཡལ་ཐ། ཧོ་ཧོ་ཡ། དེང་གི་དུས་ཀྱི་ན་གཞོན་ཕོ་མོ།མཚམས་རེར་དགད་ནས་བསོར་གི་ལན་རེར་སྡུག་ནས་ངུ་གི གང་ལྟར་མངོན་ལྐོག་གཉིས་ཀྱི་འཚོ་བ་ཟ་ཟི་སུ་ལའང་ཡོད་སྲིད་ཀྱི། རེ་རེ་བཞིན་ཕྱིར་རྟོགས་བྱས་དང་ངོ་མས་བྱིས་པ་ཞིག་གིས་རྩེད་ར་བསྒྲིགས་ཏེ་ཤིང་གཏུམ་ཞོན་ནས་ རྟ་རྒོད་རྒྱུག་པའི་རྣམ་པ་ཞིག་དང་གཅིག་ར་གཅིག་རེད། ན་གཞོན་ཚོར་རང་གི་ཕྲག་ན་འགན་འཁྲི་མེད་ལ་སྙིང་ཕུར་གདབས་པའི་དམ་ཚིག་མེད་ན། ཨ་ཧོ། ང་རྒྱལ་གྱི་མགོ་བོ་མགོ་ཡུ་འཁོར་གི་མ་འཇུག འདང་རྒྱག་གི་ལུས་སེམས་ངལ་བས་བཟི་གི་མ་འཇུག ན་གཞོན་ཚོ། གངས་དཀར་གྱི་འདབས་ནས་གངས་སེང་གི་ང་རོ་འཇགས་དུ་མ་འཇུག དྭངས་གསལ་གྱི་མཚོ་ཁར་གསེར་མིག་གི་འཁྱུག་རྩལ་ལྷོད་ཀི་མ་འཇུག རྦབ་ཆུ་ལྟ་བུའི་ལང་ཚོ་བྲག་གཟར་དུ་འབབ་པའི་དུས་ཀྱི་ན་གཞོན། རྟ་རྒོད་ལྟ་བུའི་ལང་ཚོ་ཐང་ཆེན་དུ་འགྲན་པའི་དུས་ཀྱི་ན་གཞོན། ལང་ཚོ། ན་གཞོན། ན་གཞོན་གྱི་ལང་ཚོ། ཐོབ་འདོད་ཀྱི་ཧམ་པ་དྲག་དུ་འཕྱུར་ཀྱང་། ཤོར་སོང་གི་ལག་ཟུང་ཐལ་རུ་ཐོགས་དུས། མཛུམ་མདངས་དེའི་གཡོ་སྒྱུ་ནང་དུ་སྦེད་པའི་ངམ་གནག་གི་བསླུ་བྲིད་དེ་རྣོ་ངར་ལྡན་ཡ། རྣམ་པ་མང་པའི་འདོད་པ་ཡི་སྒྱུ་རྩལ་དྲུག་ཅུ་ཡང་རང་བཞིན་དུ་ཡིད་དུ་ག་ལ་ལྷུང་། ན་གཞོན་ཚོ་རང་དབང་ལ་དུང་བས་གཞན་དབང་ལ་བསྟུན་དྲག་སོང་བ་འདྲ། ན་གཞོན་ཚོས་བློ་འབྱེད་མུན་སེལ་གྱི་སྒྲོན་མེ་ལག་ཏུ་བཏེགས་ཏེ། མི་ནུབ་པའི་བདེན་ལུགས་ཁ་གཡང་དུ་སྒྲོག་ཞོར། རང་ཚུགས་ཐུབ་པའི་གཞོན་གསར་གྱི་རྡོག་རྩ་རྨང་ནས་སྲུང་དགོས། ཨ་་་་ཨ་་་་ན་གཞོན་ཚོ། ན་གཞོན་ཚོ།
补充纠错
基本
文件
流程
错误
SQL
调试
请求信息 : 2026-10-16 05:49:25 HTTP/1.1 GET : http://lyric.hjiayou.com/lyric/484837.html 运行时间 : 0.115453s [ 吞吐率:8.66req/s ] 内存消耗:2,633.59kb 文件加载:193 查询信息 : 0 queries 缓存信息 : 0 reads,0 writes 会话信息 : SESSION_ID=f3ce6bdd2f8be75527e9e3508a3729b7
CONNECT:[ UseTime:0.001277s ] mysql:host=127.0.0.1;dbname=fan_hjiayou_com;charset=utf8mb4 SHOW FULL COLUMNS FROM `tool_lyric` [ RunTime:0.001066s ] SELECT `id`,`title`,`singer`,`content` FROM `tool_lyric` WHERE `switch` = 1 AND `id` = 484837 LIMIT 1 [ RunTime:0.005154s ] UPDATE `tool_lyric` SET `views` = `views` + 1 WHERE `id` = 484837 [ RunTime:0.003337s ] SELECT `id`,`title` FROM `tool_lyric` WHERE `id` IN (374648,419952,117348,591724,788161,414461,310185,108515,824611,658504,344446,648631,625896,31863,188277,724256,485695,383758,735325,2963,160265,158237,254230,164100,432696,269905,719782,689496,582310,747461) AND `switch` = 1 ORDER BY `views` DESC [ RunTime:0.026777s ] SELECT `id`,`title` FROM `tool_lyric` WHERE `id` < 484837 AND `switch` = 1 ORDER BY `id` DESC LIMIT 1 [ RunTime:0.005945s ] SELECT `id`,`title` FROM `tool_lyric` WHERE `id` > 484837 AND `switch` = 1 ORDER BY `id` LIMIT 1 [ RunTime:0.007382s ]
0.116357s